
བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༣།༡༠།༢༦
Majo
Description
◆བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ MASSACHUSETTES གཙུག་ལག་སློབ་གྲྭ་ཆེན་མོར་བོད་ དོན་གསུང་བཤད་གནང་བ། ◆བོད་གནས་བལྟ་ཞིབ་ཚོགས་པས་གནས་ཚུལ་སྤེལ་གསལ་ལ་བོད་མདོ་སྨད་མགོ་ལོག་དར་ལག་ཁུལ་དུ་རྒྱ་ནག་གཞུང་གི་ཉེན་རྟོག་མི་སྣས་ བོད་མི་ཁག་གཅིག་བཀག་དཀྱིལ་བྱས་པ་དང་། བོད་མི་ཆབ་སྲིད་བཙོན་ཟུར་བཀྲ་ཤིས་དབང་ཕྱུག་ལགས་ལ་སུན་བརྩེར་བཟོ་བཞིན་པ། ◆བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་བཞུགས་སྒར་རིགས་ལམ་སློབ་གཉེར་ཁང་དབུ་བརྙེས་ནས་ལོ་ངོ་ ༥༠ དང་ས་རཱ་བོད་ཀྱི་མཐོ་ སློབ་དབུ་བརྙེས་ཏེ་ལོ་ངོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི་མཛད་སྐོར་ཕེབས་བཞུགས་གནང་བ། ◆ཇི་ནི་ཝ་བོད་དོན་གླེང་སྟེགས་ཐེངས་ ༥ འགོ་འཛུགས་གནང་བ། ◆ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་ནས་ཨེ་ཤི་ཡ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་ཞི་བདེ་དར་འཕེལ་གཏོང་ཕྱོགས་དང་འབྲེལ་བའི་རྒྱལ་ སྤྱིའི་ཚོགས་འདུའི་ཐོག་མཉམ་ཞུགས་གནང་བའི་སྐོར།
Uploader
Episodes
བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༣།༡༠།༢༦
Majo