
2021 08 17News
Majo
Description
◆ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱམས་བརྩེ་དང་འཚེ་མེད་ཞི་བ་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ། ◆ བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་ཕྱིར་བསྡུ་གནང་སྟེ་མཐོ་རིམ་ལས་བྱེད་ལས་གྲུབ་པའི་གཏན་འཇགས་ཚོགས་ཆུང་ཞིག་བཙུགས་རྒྱུའི་བཀོད་ཁྱབ་ཕེབས་པ། ◆ ནད་རླབས་གསུམ་པའི་གྲ་སྒྲིག་ལས་དོན་རྟོག་ཞིབ་སླད་བོད་མིའི་ས་གནས་ཁག་ཏུ་སྐོར་བསྐྱོད་འགོ་འཛུགས་ཟིན་པ། ◆ བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་འཚོགས་རྒྱུ། ◆ ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་ནས་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་བདུན་དང་ཟུང་སྦྲེལ་གྱིས་བོད་སྐད་སོགས་སྐད་ཡིག་བཅུའི་ཐོག་དྲ་ཐོག་འགྲེམས་སྟོན་ལས་རིམ་ཞིག་འགོ་འཛུགས་གནང་བ། ◆ ཤེས་ལོང་ས་གནས་འགོ་འཛིན་གྱིས་རྒྱ་གར་བྱང་ཤར་མེགྷ་ལ་ཡ་མངའ་སྡེའི་སྲིད་སྐྱོང་མཆོག་དང་མཇལ་འཕྲད་གནང་བ། ◆ མོན་གྷོ་འདོད་རྒུ་གླིང་གི་ས་གནས་འཕྲོད་བསྟེན་སྨན་ཁང་དུ་མིག་གི་ཡན་ལག་སྡེ་ཚན་ཞིག་གསར་འཛུགས་གནང་།